查看原文
其他

康马县稳经济若干临时性措施འཕེལ་རྒྱས་བརྟན་པོ་ཡོང་བའི་སྐབས་འཕྲལ་གྱི་བྱེད་ཐབས་

为贯彻落实习近平总书记关于“疫情要防住、经济要稳住、发展要安全”的指示要求,以及国务院区市稳住经济大盘一揽子政策措施及接续政策措施,有效应对新冠肺炎疫情带来的不利影响,帮助广大市场主体特别是小微企业、个体工商户渡过难关,切实保障困难群众基本生活、兜牢民生底线,结合我县实际,制定出台《关于稳经济若干临时性措施》。政策措施涉及城乡困难群众帮扶政策,小微企业、个体工商户帮扶政策,稳岗就业帮扶政策,促进消费帮扶政策,金融帮扶政策等6个方面,共26条。

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་རིམས་ནད་དེ་སྔོན་འགོག་ཐུབ་པ་དང་།  དཔལ་འབྱོར་དེ་བརྟན་པོ་ཡོང་བ།  འཕེལ་རྒྱས་དེ་བདེ་འཇགས་ཡོད་པའི་མཛུབ་སྟོན་བླང་བྱ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོགས་ཀྱི་དཔལ་འབྱོར་བརྟན་དུ་གཏོང་བའི་ཐད་སྲིད་ཇུས་དང་བྱེད་ཐབས་དེ་བཞིན་རྒྱུན་མཐུད་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས།  ཏོགས་གསར་གློ་བའི་གཉན་ཚད་ཀྱི་རིམས་ནད་ལས་བྱུང་བའི་གནོད་རྐྱེན་ལ་ཁ་གཏད་ནུས་ལྡན་གཅག་ཏེ་རྒྱ་ཆེའི་ཚོང་རའི་གྲུབ་ཆ་གཙོ་བོ་དང་ལྷག་པར་དུ་ཁེ་ལས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཁྱིམ་སོགས་དཀའ་གནད་ལས་སྒྲོལ་བར་རོགས་སྐྱོར་དང་།  དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་  དམངས་འཚོའི་དམའ་མཐའི་འཚོ་བ་ལ་འགན་ལེན་བྱ་རྒྱུའི་རེ་བ་བཞིན། རང་རྫོང་གི་དོན་དངོས་དང་འབྲེལ།  《དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བའི་གནས་སྐབས་ཀྱི་བྱེད་ཐབས་འགའ་ཞིག་གི་སྐོར་》ཞེས་པའི་བྱ་ཐབས་བཟོ་ནས་དངོས་ཡོད་ཐོག་ནས་ཁེ་ལས་ཁག་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱ་རྒྱུ།  སྲིད་ཇུས་བྱ་ཐབས་དེ་དག་ཤང་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས་དང་ཁེ་ལས་ཆུང་གྲས།  ཁེར་རྐྱང་བཟོ་ཚོང་ཁྱིམ་དུད།  ལས་གནས་ལས་བཞུགས་བརྟན་པོ་ཡོང་བའི་རོགས་སྐྱོབ་སྲིད་ཇུས་དེ་བཞིན།  མཛད་སྤྱོད་སྐུལ་འདེད་རོགས་སྐྱོབ་སྲིད་ཇུས། དངུལ་རྩའི་རོགས་སྐྱོར་སྲིད་ཇུས་སོགས་ཁག་6 ཁྱོན་བསྡོམས་དོན་ཚན་26ཡོད།

一、城乡困难群众及干部职工帮扶政策

1.加大低保等困难群众生活救助。在前期对城乡低保、特困人员增发一次性生活补贴600元的基础上,再次对我县城乡低保、特困人员增发一次性生活补贴600元。

2.加大失业生活困难人员救助。对未纳入低保范围,受疫情影响无法返岗复工、连续3个月无收入来源、生活困难且失业人员,以及未纳入低保范围、生活困难的未就业大学生、创业失败大学生,经本人申请,由务工地或经常居住地发放一次性临时救助金,救助金额最高不超过2000元。以上人员中,已纳入民政部门低收入人口数据库的,或经乡村振兴部门认定的脱贫不稳定户、边缘易致贫户和突发严重困难户,不再进行家庭经济状况核查,直接给予救助。在本县的外来务工人员,因受疫情影响,生活确有困难的,经本人申请,发放一次性临时救助金,救助额度不超过2000元。以上人员中,已纳入民政部门低收入人口数据库的,或经乡村振兴部门认定的脱贫不稳定户、边缘易致贫户和突发严重困难户,不再进行家庭经济状况核查,直接给予救助。受疫情影响,我县外出务工人员滞留其他县区,发放对象为县外滞留人员及回流人员(8月8日-9月15日)期间,发放标准为县外滞留人员每人1000元、回流人员每人800元。

3.加大因病生活困难群众救助。对纳入低收入人口监测范围的低保对象、特困人员、低保边缘家庭和脱贫不稳定户、边缘易致贫户、突发严重困难户,在定点医疗机构进行门诊慢特病和住院治疗,年度累计总费用扣除基本医保、大病保险医疗救助支付部分,剩余政策范围内个人自负费用达到2万元及以上的,按照支出型困难家庭给予人均不低于当地城市低保月标准3倍的一次性救助。

4.加大新冠肺炎患者临时救助。对诊断为新冠肺炎患者的低保对象、特困人员、重度残疾人、孤儿、流浪乞讨人员和80岁以上老人,在实施相关救助基础上,按照3000元的标准,发放一次性生活补贴。对其他基本生活受到疫情影响陷入困境、相关社会救助和保障制度暂时无法覆盖的家庭或个人,及时通过临时救助给予帮扶。

5.全力做好保障干部职工权益。为切实保障全县广大干部职工的权益,县总工会为解决干部职工关心关注的热点和难点问题,为2022年我县干部职工工会会员发放节日提货卷,额度为每人400元,用于购买生活日常用品,促进我县市场消费复苏。参与疫情防控、推进乡村振兴、稳岗就业等方面发挥积极作用。

དང་པོ།   ཤང་གྲོང་དཀའ་ངལ་ཡོད་པའི་མང་ཚོགས་དང་ལས་བྱེད་ལས་བཟོའི་རོགས་སྐྱོར་བྱེད་པའི་སྲིད་ཇུས།

1.དམའ་མཐའི་འཚོ་བའི་འགན་ལེན་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་རྒྱུ། ཤང་གྲོང་དམའ་མཐའི་འཚོ་བའི་འགན་ལེན་དང་དམིགས་གསལ་དཀའ་ངལ་ཡོད་པའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་600སྤྲོད་རྒྱུའི་རྨང་གཞིའི་འོག་ སླར་ཡང་རང་རྫོང་གི་ཤང་གྲོང་དམའ་མཐའི་འཚོ་བའི་འགན་ལེན་དང་དམིགས་གསལ་དཀའ་ངལ་ཡོད་པའི་མི་སྣར་སྒོར་600ཡི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཁ་སྣོན་སྤྲོད་རྒྱུ།

2.ལས་ཤོར་འཚོ་བའི་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  དམའ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་སུ་ཚུད་མེད་པ་དང་རིམས་ནད་ཀྱི་རྐྱེན་ལས་གནས་སུ་ཕྱིར་ལོག་ནས་ལས་འགོ་བསྐྱར་དུ་འཛུགས་མ་ཐུབ་པར་བསྟུད་མར་ཟླ་3རིང་ཡོང་འབབ་མེད་པ་དང་།  ལས་ཤོར་འཚོ་བའི་དཀའ་ངལ་ཡོད་པའི་མི་སྣ།  དེ་མིན་དམའ་མཐའི་འཚོ་བའི་འགན་ལེན་ཁོངས་སུ་ཚུད་མེད་པའི་འཚོ་བར་དཀའ་ངལ་ཡོད་པའི་སློབ་ཐོན་ལས་བཞུགས་མི་ཐུབ་སློབ་ཆེན་སློབ་མ།  བྱ་བཞག་གསར་གཏོད་ཕམ་ཉེས་འམ་ལམ་ལོངས་མི་བྱུང་བའི་སློབ་ཆེན་སློབ་མ་སོགས།  རང་ཉིད་སྒེར་ནས་རེ་བཞུ་བརྒྱུད།  རང་ལས་བཞུགས་ཁུལ་འམ་རྒྱུན་བསྡོད་ཁུལ་ནས་ཐེངས་གཅིག་རང་བཞིན་གྱི་སྐབས་འཕྲལ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ།  རོགས་སྐྱོར་མ་དངུལ་མཐོ་ཤོས་ལ་སྒོར་2000ལས་བརྒལ་མི་མཆོག      གོང་གསལ་མི་སྣའི་ནང་།   དམངས་སྲིད་ཚན་པའི་ཡོང་འབབ་དམའ་བའི་མི་འབོར་ཐོ་འགོད་མཛོད་ནང་ཡོད་པ་དང་།  ཡང་ན་ཤང་གྲོང་ཚོ་དར་རྒྱས་ཚན་པས་གཏན་འཁེལ་བྱས་པའི་དབུལ་སྒྲོལ་ཡག་པོ་མི་ཐུབ་པའི་ཐེམ་དུད་  དེ་བཞིན་དབུལ་པོར་སྐྱར་ལོག་བྱེད་གླ་བའི་ཐེམ་དུད་ གློ་བུར་གྱི་དོན་རྐྱེན་བྱུང་བའི་དཀའ་ངལ་ཡོད་པའི་ཐེམ་དུད་ལ་སླར་ཡང་ཁྱིམ་ཚང་གི་དཔལ་འབྱོར་ཞིབ་བཤེར་མི་བྱ་བར།  ཐད་ཀར་རོགས་སྐྱོར་བྱེད་རྒྱུ།  རང་རྫོང་ནང་ཕྱི་ལོག་ནས་ཡོང་བའི་ལས་བཞུགས་མི་སྣར་རིམས་ནད་ཀྱི་རྐྱེན་འགོག་རྐྱེན་འཕྲད་ཏེ་ འཚོ་བར་དོན་དངོས་ཀྱི་དཀའ་ངལ་ཡོད་ཚེ།  རང་ཉིད་སྒེར་ནས་རེ་ཞུ་བརྒྱུད་ ཐེངས་གཅིག་རང་བཞིན་གྱི་སྐབས་འཕྲལ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་དང་མ་དངུལ་དེ་སྒོར་2000ལས་བརྒལ་མི་ཆོག  གོང་གསལ་མི་སྣའི་ནང་།   དམངས་སྲིད་ཚན་པའི་ཡོང་འབབ་དམའ་བའི་མི་འབོར་ཐོ་འགོད་མཛོད་ནང་ཡོད་པ་དང་། ཡང་ན་ཤང་གྲོང་ཚོ་དར་རྒྱས་ཚན་པས་གཏན་འཁེལ་བྱས་པའི་དབུལ་སྒྲོལ་ཡག་པོ་མི་ཐུབ་པའི་ཐེམ་དུད་  དེ་བཞིན་དབུལ་པོར་སྐྱར་ལོག་བྱེད་གླ་བའི་ཐེམ་དུད་  གློ་བུར་གྱི་དོན་རྐྱེན་བྱུང་བའི་དཀའ་ངལ་ཡོད་པའི་ཐེམ་དུད་ལ་སླར་ཡང་ཁྱིམ་ཚང་གི་དཔལ་འབྱོར་ཞིབ་བཤེར་མི་བྱ་བར།  ཐད་ཀར་རོགས་སྐྱོར་བྱེད་རྒྱུ།  རིམས་ནད་གྱི་འགོག་རྐྱེན་འོག་ རང་རྫོང་གི་མི་སྣ་ངལ་ནུས་ཕྱིར་སྐྱོད་བྱས་ཏེ་རྫོང་ཆུད་ཁག་གཞན་དུ་ལུས་ཚེ་ཟླ་8པའི་ཚེས་8ཉིན་ནས་ཟླ་9པའི་ཚེས་15ཉིན་བར་རིང་ལ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་ཏེ།  སྤྲོད་རྒྱུའི་ཚད་གཞི་ནི་ད་ལྟ་རྫོང་ཆུད་ཁག་གཞན་དུ་ལུས་ཡོད་ཚེ་མི་རེར་སྒོར་1000དང་ཕྱིར་ལོག་ཐུབ་པའི་མི་སྣར་མི་རེར་སྒོར་800

3.ནད་གཞི་རྐྱེན་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་རྒྱུ།  ཡོངས་འབབ་དམའ་བའི་མི་འབོར་ལྟ་ཞིབ་ཚད་ལེན་ནང་ཚུད་པའི་དམའ་མཐའི་འགན་སྲུང་བྱ་ཡུལ།  དམིགས་གསལ་དཀའ་ངལ་ཡོད་པའི་མི་སྣ། དམའ་མཐའི་འགན་སྲུང་ལ་སྐྱར་ལོག་བྱེད་གླ་བའི་ཐེམ་དུད།  དབུལ་སྒྲོལ་ཡག་པོ་ཐུབ་མེད་པའི་ཐེམ་དུད་  དེ་བཞིན་དབུལ་པོར་སྐྱར་ལོག་བྱེད་གླ་བའི་ཐེམ་དུད།  གློ་བུར་གྱི་དོན་རྐྱེན་བྱུང་བའི་དཀའ་ངལ་ཡོད་པའི་ཐེམ་དུད། དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྒོ་བསྟེན་གྱི་གཅོང་ནད་དང་སྨན་ཁང་དུ་བཞག་སྡོད་སྨན་བཅོས་བྱས་ནས། ལོ་ཧྲིལ་པོར་ཁྱོན་བསྡོམས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་སྨན་བཅོས་རོགས་སྐྱོབ་གཏོང་སྤྲོད་འགྲོ་སོང་རྩིས་ཞུ་ཕུད།  རང་ཉིད་སྒེར་ནས་ད་དུང་མ་དངུལ་སྒོར་ཁྲི་2ཡན་འགན་ཁུར་དགོས་ཚེ་ གཏོང་སྤྲོད་རྣམ་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཞི་འཛིན་ནས་མི་རེར་ཆ་སྙོམས་ས་གནས་དེ་གའི་གྲོང་ཁྱེར་གྱི་དམའ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་ཚད་གཞིའི་ལྡབ་3ལས་མི་དམའ་བའི་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོབ་སྤྲོད་རྒྱུ།

4.ཏོགས་གསར་གློ་ཚད་ཕོག་མཁན་ལ་སྐབས་འཕྲལ་གྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  ཏོགས་གསར་གློ་ཚད་ཕོག་མཁན་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། ཚབས་ཆེན་གྱི་དབང་པོ་སྐྱོན་ཅན། དྭ་ཕྲུག་དང་ཡུལ་གྱར་སྤྲང་པོ། དེ་བཞིན་ལོ་80ཡན་གྱི་རྒན་རྒོན་བཅས་ལ་འབྲེལ་ཡོད་རོགས་སྐྱོབ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ སྒོར་3000གི་ཚད་གཞིར་གཞིགས་ནས་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྤྲོད་རྒྱུ། གཞི་རྩའི་འཚོ་བ་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་དཀའ་ངལ་གྱི་གནས་སུ་གྱར་བ་དང་འབྲེལ་ཡོད་སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་ལམ་ལུགས་གནས་སྐབས་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་ཁྱབ་མི་ཐུབ་པར་དུས་ཐོགས་དུ་སྐབས་འཕྲལ་རོགས་སྐྱོབ་བརྒྱུད་རོགས་སྐྱོར་བྱེད་རྒྱུ། 

5.ལས་བྱེད་པ་དང་ལས་བཟོ་པའི་ཁེ་དབང་འགན་སྲུང་གང་ཐུབ་བྱ་རྒྱུ།   རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་ལས་བཟོའི་དོ་ཁུར་གྱི་གནད་དོན་དང་དཀའ་གནད་ཐག་གཅོད་བྱ་ཆེད། 2022ལོར་རང་རེའི་རྫོང་གི་ལས་བྱེད་ལས་བཟོའི་བཟོ་ཚོགས་ཀྱི་ཚོགས་མིར་དུས་ཆེན་གྱི་ཟོག་འདྲེན་ཤོག་སྒྲིལ་སྤྲད་པ།  དེའི་དངུལ་འབོར་མི་རེར་སྒོར་400ཡོད་ཅིང་།  དེས་རང་རྫོང་ཁོངས་སུ་འཚོ་བའི་མཁོ་ཆས་ཉོ་སྒྲུབ་ལ་ཕན་པ་སྐྲུན་པ་དང་རང་རེའི་རྫོང་གི་ཁྲོམ་རའི་འཛད་སྤྱོད་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

二、中小微企业、个体工商户帮扶政策

6.实施延期还本付息。商业银行等金融机构继续按市场化原则与受疫情影响较重的中小微企业(含中小微企业主)和个体工商户、货车司机等自主协商,对其贷款实施展期,展期时间原则上不超过2022年底。金融机构按照市场化、法治化原则对受疫情影响严重的个人住房、消费等贷款,灵活采取合理延后还款时间、延长贷款期限、延期还本付息等方式调整还款计划。对延期贷款坚持实质性风险判断,不单独因疫情因素下调贷款风险分类,不影响征信记录,并免收罚息。

7.扩大减免房租范围。自治区调剂彩票公益金对承租国有房屋从事生产经营活动的小微企业和个体工商户、运营困难的民办非企业单位,2022年第四季度持续经营的,在2022年免除6个月租金的基础上,再免除3个月的房租。对承租个体商铺等非国有房屋的小微企业和个体工商户,由县本级财政在2022年底前按照3个月租金总额的50%给予补贴;对承租个人非住宅房屋的小微企业和个体工商户,2022年10月至2023年3月正常生产经营期间,由县级财政每月给予10%的租金补贴,由县政府负责实施,补贴资金由县级财政承担。银行要对减免房屋租金的出租人视需求给予贷款等支持。因减免租金影响国有企业事业单位业绩的,在考核中根据实际情况予以认可。

8.加大企业退税减税力度。自治区财政统筹财力,加大对各地落实留抵退税政策的支持力度。精准落实对小规模纳税人阶段性免征增值税,小型微利企业减征企业所得税,对参加疫情防治工作的医务人员和防疫工作者按照政府规定标准取得的临时性工作补助和奖金免征个人所得税,增值税期末留抵退税政策。落实金融机构不良债权以物抵债税收优惠政策。对符合条件的抵债不动产处置环节所涉及的增值税允许选择适用差额征收政策,对契税、印花税等给予免征或减征至2022年底。

9.多渠道为企业减费让利。全面落实小微企业和个体工商户用水、用电“欠费不停供”政策,设立6个月的费用缓缴期,并可根据实际进一步延长,缓缴期间免收欠费滞纳金。对非居民用户应缴水费(含污水处理费)、电费给予10%的6个月(2022年10月至2023年3月)财政补贴。免收3个月单位生活垃圾处理费,环卫作业单位相关经费由县财政予以支持。将小微企业宽带和专线平均资费再降10%。2022年8月至12月,在日喀则市从事特种设备检验检测工作的第三方机构,检验检测收费标准降至现行标准70%。对疫情影响期间的营运车辆管理费(“份子钱”)免收或减半收取。对农村班线客运企业按现行政策给予补贴。常态化核酸检测费用由县政府承担。

10.缓缴部分行政事业性收费和保证金。制定实施涉及企业和个体工商户的行政事业性收费和保证金缓缴清单,对清单内的收费项目一律缓缴至2023年3月,主要包括生活垃圾处理费、电信网码号资源占用费、特种设备检验检测费等行政事业性收费项目以及工资保证金、工程质量保证金等。  

11.扩大实施社保费缓缴政策。对受疫情影响生产经营出现暂时困难的所有中小微企业,以单位方式参保的个体工商户,阶段性缓缴社会保险费政策到期后,允许在2023年底前采取分期或逐月等方式补缴缓缴社会保险费,补缴期间免收滞纳金。以个人身份参加企业职工基本养老保险的个体工商户和各类灵活就业人员,2022年未缴费用可于2023年12月25日前进行补缴,逾期不再补收。缴费基数按2023年上半年全区职工月平均工资上下限范围自主选择,缴费年限累计计算。

12.加大力度防范和化解拖欠中小微企业账款。深入开展防范和化解拖欠中小企业账款专项行动。严格落实《保障中小企业款项支付条例》,严禁以法定代表人或主要负责人变更、履行内部付款流程、等待竣工验收批复、决算审计等理由,拒绝或者迟延支付中小企业款项。建立机关事业单位和大型企业拖欠中小企业账款定期披露、主动执法、劝告指导制度。县政府和国有企业在2022年底前,将拖欠的民营企业款项全部支付。机关、事业单位和国有企业在使用商业汇票等非现金方式支付中小企业款项时,在合同中要做出明确、合理的约定,不得强制中小企业接受商业汇票等非现金支付方式,不得利用商业汇票等非现金支付方式变相延长付款期限。

13.优化企业服务。疫情期间,除涉及安全生产的证照外,其他各类证照到期的,均可展期3个月办理换证手续。其他变更、注销类所需提交材料时限到期的,均可延期3个月。疫情防控期间,直接参与隔离点建设、物资保供、后勤保障等工作并作出突出贡献的企业,给予表彰奖励。

གཉིས་པ། ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ལ་རོགས་སྐྱོར་སྲིད་ཇུས།

6.དངུལ་བུན་སྐྱེད་ཀ་དུས་འགྱངས་བྱ་རྒྱུ། ཚོང་ལས་དངུལ་ཁང་སོགས་དངུལ་རྩའི་ཚན་པས་མུ་མཐུད་ཁྲོམ་ར་ཅན་གྱི་རྩ་དོན་དང་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེ་འཕོག་པའི་ཁེ་ལས་ཆེ་ འབྲིང་ ཆུང་གསུམ་  ཁེར་རྐྱང་བཟོ་ཚོང་ཐེམ་དུད། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སོགས་ཀྱིས་རང་བདག་ངང་གྲོས་མོལ་རེ་ཞུ་བྱས་ནས་དངུལ་བུན་གཏོང་བའི་དུས་ཚོད་དུས་འགྱངས་བྱས་མཆོག། དུས་འགྱངས་དུས་ཚོད་རྩ་དོན་ཐོག་2022ལོའི་ལོ་མཇུག་ནས་བརྒལ་མི་མཆོག    དངུལ་རྩའི་ཚན་པས་ཁྲོམ་རྭ་དང་ཁྲིམས་ལུགས་ཅན་རྩ་དོན་གཞིར་ཟུང་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེ་འཕོག་པའི་མི་སྒེར་གྱི་སྡོད་ཁང་དང་འཛད་སྤྱོད་སོགས་ཀྱི་དངུལ་བུན་གཡར་བ་རྣམས་རེ་ཞུ་བརྒྱུད་ལུགས་མཐུན་ངང་དངུལ་བུན་འཇལ་བའི་དུས་ཚོད་ནར་འགྱངས་བྱེད་པ་དང་། དངུལ་བུན་གཏོང་བའི་དུས་ཚོད་ནར་འགྱངས་བྱེད་པ། མ་སྐྱེད་འཇལ་རྒྱུ་ནར་འགྱངས་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དངུལ་བུན་འཇལ་བའི་འཆར་གཞི་ལེགས་སྒྲིག་བྱེད་རྒྱུ། དངུལ་བུན་དུས་འགྱངས་བྱེད་པར་ངོ་བོའི་རང་བཞིན་གྱི་ཉེན་ཁའི་བརྡར་གཅོད་མཐའ་འཁྱོངས་བྱེད་པ་ལས་རིམས་ནད་ཀྱི་རྒྱུ་རྐྱེན་དབང་གིས་དངུལ་བུན་ཉེན་ཁའི་རིགས་དབྱེ་ལོགས་སུ་མི་གཏོང་བ་དང་། ཡིད་རྟོན་ཐོ་འགོད་ལ་ཤུགས་རྐྱེན་མི་བཟོ་བ་བྱ་རྒྱུ།

7.ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱིས་རྒྱན་ཤོག་སྤྱི་ཕན་མ་དངུལ་སྙོམས་སྒྲིག་བྱས་ནས་བོགས་གཏོང་བྱས་པའི་གཞུང་ཁོངས་ཁང་པ་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་། གཉེར་སྐྱོང་དཀའ་བ་བཅས་ཀྱི་དམངས་གཉེར་ཁེ་ལས་མིན་པའི་ཚན་པ་བཅས་2022ལོའི་དུས་ཚིགས་བཞི་པར་མུ་མཐུད་གཉེར་སྐྱོང་བྱས་ཚེ། 2022ལོར་ཟླ་6གི་ཁང་གླ་རྩ་ཆག་བཏང་བའི་རྨང་གཞིའི་ཐོག་སླར་ཡང་ཟླ་3གྱི་ཁང་གླ་རྩ་ཆག་གཏོང་རྒྱུ།  བོགས་གཏོང་ཁེར་རྐྱང་ཚོང་ཁང་སོགས་གཞུང་ཁོངས་མིན་པའི་སྡོད་ཁང་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁེ་ལས། དེ་བཞིན་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རྫོང་རིམ་པའི་ནོར་སྲིད་ནས་2022ལོའི་ལོ་མཇུག་གོང་ཟླ་3གྱི་ཁང་གླ་བསྡོམས་འབོར་གྱི་50%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ། སྡོད་ཁང་མ་ཡིན་པའི་མི་སྒེར་གྱི་ཁང་པ་གཞན་བོགས་མར་ལེན་མཁན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དེ་བཞིན་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་2022ལོའི་ཟླ་10པ་ནས་2023ལོའི་ཟླ་3པའི་བར་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱས་ཚེ། རང་རྫོང་རིམ་པའི་ནོར་སྲིད་ནས་ཟླ་རེར་10%ཡི་ཁང་གླ་ཁ་གསབ་སྤྲོད་རྒྱུ། དེ་རྫོང་སྲིད་གཞུང་གིས་ལག་བསྟར་བྱེད་རྒྱུ་དང་ཁ་གསབ་དངུལ་དེ་རྫོང་རིམ་པའི་ནོར་སྲིད་ནས་སྤྲོད་རྒྱུའི་འགན་འཁུར་རྒྱུ། དངུལ་ཁང་གིས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་མཁན་ལ་དགོས་མཁོ་གཞིར་དངུལ་བུན་སོགས་གཏོང་རྒྱུའི་རྒྱབ་སྐྱོར་བྱ་རྒྱུ།  གཞུང་ཁོངས་ཁེ་ལས་ཚན་པས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་རྐྱེན་གྱིས་ཚན་པའི་དེའི་ལས་ཀར་དཔྱད་ཞིབ་བྱ་དུས་དོན་དངོས་དང་འབྲེལ་མཁས་ལེན་བྱ་རྒྱུ།

8.ཁེ་ལས་ཀྱི་ཁྲལ་དངུལ་ཕྱིར་སློག་དང་དཔྱ་ཁྲལ་ཆག་ཡང་གཏོང་ཤུགས་ཆེ་རུ་གཏོང་རྒྱུ།  རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ནོར་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། ས་གནས་ཁག་གིས་གཏོང་འཇོག་ཁྲལ་ཕྱིར་སློག་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་དུས་རིམ་རང་བཞིན་གྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་དང་། ཁེ་ལས་ཆེས་ཆུང་གྲས་ལ་ཁེ་ལས་ཀྱི་ཐོབ་ཁྲལ་ཉུང་དུ་གཏོང་རྒྱུ། རིམས་ནད་འགོག་བཅོས་ཀྱི་ལས་དོན་ལ་ཞུགས་པའི་སྨན་དོན་མི་སྣ་དང་རིམས་འགོག་ལས་དོན་པར་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་ལྟར་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་དང་བྱ་དགའི་དངུལ་བླངས་རིགས་ལ་སྒེར་འབབ་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ། གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་ཏུ་འཇོག་རྒྱུ་དང་ཁྲལ་སློག་གི་སྲིད་ཇུས་ལག་བསྟར་གནད་འཁེལ་བྱེད་རྒྱུ།  དངུལ་རྩའི་ལས་ཁུངས་ཀྱི་བུན་དབང་མི་ལེགས་པས་དངོས་པོའི་ཚབ་ཏུ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཆ་རྐྱེན་མཐུན་པའི་བུན་ཚབ་གྱི་གཏན་འཇགས་རྒྱུ་ནོར་ཐག་གཅོད་ལྷུ་ཚིགས་དང་འབྲེལ་བ་ཡོད་པའི་གནས་ཐང་འཕར་ཁྲལ་ལ་སྤྱོད་འཐུས་དཔྱ་ཁྲལ་གྱི་སྲིད་ཇུས་གདམ་ག་བྱས་ཆོག་པ་དང་། གན་རྒྱའི་དཔྱ་ཁྲལ་དང་དཔེ་རིས་དཔྱ་ཁྲལ་སོགས་2022ལོའི་ལོ་མཇུག་བར་རྩ་ཆག་གཏོང་བའམ་ཡང་ན་ཆག་ཡང་དུ་གཏོང་རྒྱུ།

9.ཐབས་ལམ་མང་པོར་བརྟེན་ནས་ཁེ་ལས་ཀྱི་གྲོན་དངུལ་ཉུང་གཏོང་དང་ཁེ་ཕན་སྤྲོད་རྒྱུ།  ཁྱོན་ཡོངས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཆུ་དང་། གློག་སྤྱོད་ནས་“དངུལ་ཆད་ཀྱང་མི་བཀག་པའི་”སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཟླ་བ་6གི་རིང་འགྲོ་གྲོན་ཆད་དངུལ་འཇལ་དུས་ཕྱིར་འགྱངས་བྱ་རྒྱུ་དང་འབྲེལ་དོན་དངོས་ལ་གཞིགས་ནས་སྔར་བས་ནར་འགྱངས་བྱ་རྒྱུ་གཏན་འཁེལ་བྱ་རྒྱུ། དུས་འགྱངས་བྱས་ཀྱང་དུས་འགྱངས་རིང་ཀྱི་ཆད་དངུལ་ལ་འགྱངས་ཆད་མི་བསྡུ་བའི་ལག་བསྟར་བྱེད་རྒྱུ།   ཡུལ་མི་མིན་པའི་འཛད་སྤྱོད་པས་ཆུ་རིན་དང་བཙོག་ཆུ་གཙང་སྒྱུར་གྲོན་དངུལ་སོགས་སྤྲོད་དགོས་ཤིང་། གློག་རིན་དེ་2022ལོའི་ཟླ་10པ་ནས་2023ལོའི་ཟླ་3པའི་བར་གྱི་ཟླ་6གི་རིང་10%ཡི་ནོར་སྲིད་ཁ་གསབ་སྤྲོད་རྒྱུ། ཟླ་བ་3རིང་ཚན་པ་ཁག་གི་འཚོ་བའི་གད་སྙིགས་གཙང་སེལ་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་ཁོར་ཡུག་འཕྲོད་བསྟེན་ལས་དོན་ཚན་པའི་འབྲེལ་ཡོད་གྲོན་དངུལ་རྫོང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དྲ་ཆེན་དང་ཆེད་སྐུད་ཀྱི་ཆ་སྙོམས་འགྲོ་གྲོན་ད་དུང་10%གཅོག་དགོས།  2022ལོའི་ཟླ་8པ་ནས་ཟླ་12པའི་བར་གཞིས་རྩེ་གྲོང་ཁྱེར་དུ་དམིགས་བསལ་སྒྲིག་ཆས་བརྟག་བཤེར་ཞིབ་དཔྱད་ཀྱི་ལས་ཀ་བྱེད་མཁན་ཕྱོགས་གསུམ་པའི་སྒྲིག་གཞིས་བརྟག་བཤེར་ཞིབ་དཔྱད་ཀྱི་གྲོན་བསྡུའི་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་70%བར་ཆག་ཡང་གཏོང་རྒྱུ། རིམས་ནད་ཤུགས་རྐྱེན་ཐེབས་རིང་སྐྱེལ་འདྲེན་རླངས་འཁོར་གྱི་དོ་དམ་གྲོན་དངུལ་མི་བསྡུ་བའམ་ཡང་ན་ཕྱེད་ཀ་ལས་མི་བསྡུ་རྒྱུ།  ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལྟར་གྲོང་གསེབ་ཀྱི་རྒྱུན་ཚིགས་འགྲུལ་སྐྱེལ་ཁེ་ལས་ལ་ཁ་གསབ་རོགས་དངུལ་སྤྲོད་མུ་མཐུད་སྤྲོད་རྒྱུ། རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འགྲོ་གྲོན་རྫོང་སྲིད་གཞུང་གིས་གཏོང་རྒྱུ།

10.སྲིད་འཛིན་བྱ་གཞག་རང་བཞིན་གྱི་དངུལ་བསྡུ་ཁག་གཅིག་དང་འགན་སྲུང་མ་དངུལ་ཁག་གཅིག་འཇལ་སྤྲོད་ནར་འགྱངས་བྱ་རྒྱུ། ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ལ་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་དངུལ་བསྡུ་དང་འགན་སྲུང་མ་དངུལ་འཇལ་སྤྲོད་ཀྱི་ཞིབ་ཐོ་གཏན་འབེབས་དང་ལག་བསྟར་བྱ་རྒྱུ། རྩིས་ཐོའི་ནང་གི་གྲོན་དངུལ་བསྡུ་རྒྱུའི་རྣམ་གྲངས་ཚང་མ་2023ལོའི་ཟླ་3པའི་བར་ཕྱིར་འགྱངས་བྱ་རྒྱུ། དེའི་ནང་གཙོ་བོ་འཚོ་བའི་གད་སྙིགས་གཙང་སེལ་གྲོན་དངུལ་དང་། གློག་འཕྲིན་དྲ་རྒྱའི་ཨང་རྟགས་ཐོན་ཁུངས་བཟུང་སྤྱོད་གྲོན་དངུལ། དམིགས་བསལ་སྒྲིག་ཆས་བརྟག་བཤེར་ཞིབ་དཔྱད་གྲོན་དངུལ་སོགས་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་རྣམ་གྲངས་དང་དེ་བཞིན་གླ་ཕོགས་འགན་ལེན་དངུལ་དང་ལས་གྲྭའི་སྤུས་ཚད་འགན་ལེན་དངུལ་སོགས་ཚུད་ཡོད་པ་རེད།

11.སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་རྒྱུ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ཐོན་སྐྱེད་གཉེར་སྐྱོང་ཐད་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཚང་མར་ཚན་པའི་རྣམ་པའི་ཐོག་ནས་འགན་བཅོལ་ནང་ཞུགས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་སྲིད་ཇུས་ཀྱི་དུས་བཀག་ཐིམ་རྗེས། 2023ལོའི་ལོ་མཇུག་གོང་དུས་བགོས་སམ་ཡང་ན་ཟླ་རེར་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གསབ་སྤྲོད་བྱེད་ཆོག་ལ་འགྱངས་ཆད་གསབ་སྤྲོད་བྱེད་མི་དགོས།  མི་སྒེར་གྱི་ངོས་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་རིགས་ཁག་གི་སྟབས་བསྟུན་ལས་ཞུགས་མི་སྣས་2022ལོར་གྲོན་དངུལ་མ་འཇལ་ཚེ་2023ལོའི་ཟླ་12ཚེས་25ཉིན་གོང་གསབ་སྤྲོད་བྱས་ན་ཆོག་ དུས་བཀག་ལས་ཡོལ་ན་གསབ་བསྡུ་མི་བྱེད་། གྲོན་བསྡུའི་གཞི་གྲངས་དེ་2023ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་མཚམས་ཚད་དམའ་ཤོས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས་རང་བརྟེན་གདམ་ག་བྱེད་པ་དང་གྲོན་བསྡུའི་ལོ་ཚད་རིམ་རྩིས་བརྒྱབ་ན་བརྩི་རྒྱུ་རེད།

12.ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་རྩིས་ཁྲའི་གྲོན་དངུལ་ཉེན་ཟོན་དང་ཆད་འགྱངས་བྱེད་རིགས་སྔོན་འགོག་དང་འདུམ་སེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་མ་དངུལ་འགྱངས་ཆད་སྔོན་འགོག་དང་འདུམ་སེལ་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། 《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱས་ཏེ་ཁྲིམས་ཀྱི་འཐུས་མིའམ་ཡང་ན་འགན་འཁུར་བ་གཙོ་བོས་འགྱུར་ལྡོག་བྱུང་བའི་རྐྱེན་དང་ནང་ཁུལ་གྱི་དངུལ་སྤྲོད་བརྒྱུད་རིམ། ལས་མཇུག་ཞིབ་བཤེར་རྩིས་ལེན་གྱི་མཆན་འགོད་བཀའ་ལན་དང་ངེས་རྩིས་ཀྱི་རྩིས་བཤེར་སྒུག་རྒྱུ་སོགས་ལ་ཁ་གཡར་བའམ་རྒྱུ་མཚན་དུ་བྱས་ནས་ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་མི་སྤྲོད་པའམ་ཡང་ན་ནར་འགྱངས་ངང་གཏོང་སྤྲོད་བྱ་རྒྱུ་གཏན་འགོག་བྱེད་རྒྱུ།  ལས་ཁུངས་བྱ་བཞག་ཚན་པ་དང་ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་དངུལ་གྲངས་དུས་འགྱངས་ཆད་རིགས་དུས་བཀག་ལྟར་ཁྱབ་བསྒྲགས་དང་། རང་འགུལ་ངང་ཁྲིམས་འཛིན། ཁ་ཏ་སློབ་སྟོན་བཅས་བྱེད་པའི་ལམ་ལུགས་འཛུགས་ནས། རྫོང་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱིས་2022ལོའི་ལོ་མཇུག་གོང་འགྱངས་ཆད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་གྲོན་དངུལ་ཚང་མ་གཏོང་སྤྲོད་བྱ་རྒྱུ། ལས་ཁུངས་དང་། བྱ་བཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱིས་ཚོང་ལས་ཀྱི་དངུལ་བརྗེས་འཛིན་ཡིག་སོགས་དངུལ་སྨར་མིན་པའི་རྣམ་པའི་ཐོག་ནས་ཁེ་ལས་འབྲིང་ཆུང་ལ་གྲོན་དངུལ་སྤྲོད་སྐབས་གན་རྒྱའི་ནང་ལུགས་མཐུན་ཁ་གསལ་གཏན་འཁེལ་བྱེད་པ་ལས། བཙན་ཤེད་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཚོང་ལས་ཀྱི་དངུལ་བརྗེས་འཛིན་ཡིག་སོགས་དངུལ་སྨར་མིན་པའི་གཏོང་སྤྲོད་བྱེད་པ་དང་། ཚོང་ལས་ཀྱི་དངུལ་བརྗེས་འཛིན་ཡིག་སོགས་དངུལ་སྨར་མིན་པའི་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་རྣམ་པ་འགྱུར་བའི་དངུལ་སྤྲོད་པའི་དུས་ཚད་རིང་དུ་གཏོང་མི་ཆོག།

13.ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་གཏོང་རྒྱུ། རིམས་ནད་དུས་ཡུན་ནང་། བདེ་འཇགས་ཐོན་སྐྱེད་ཀྱི་ལག་ཁྱེར་དང་འབྲེལ་བ་ཡོད་པ་ཕུད། དེ་མིན་ལག་ཁྱེར་སྣ་ཚོགས་ཀྱི་དུས་ཚོད་ཐིམ་ཚེ་ཟླ་3ནང་ལག་ཁྱེར་བརྗེ་བའི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་རེད། སྒྱུར་བཅོས་དང་ཐོ་ཁོངས་ནས་སུབ་རྒྱུའི་རིགས་ཀྱི་རྒྱུ་ཆ་སྤྲོད་པའི་དུས་བཀག་ཐིམ་ཚེ་ཟླ་3ནར་འགྱངས་བྱེད་ཆོག་གི་ཡོད་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་།  ལོགས་སུ་འཇོག་ཡུལ་འཛུགས་སྐྲུན་དང་།དངོས་ཟོག་མཁོ་སྤྲོད་འགན་ལེན།རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་ལས་དོན་ནང་ཐད་ཀར་ཞུགས་པ་དང་འབྲེལ་མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་ཁེ་ལས་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་རེད།

三、稳岗就业帮扶政策

14.实行企业稳岗返还。在我县参加失业保险并足额缴纳失业保险费12个月(含)以上,上年度不裁员或裁员率不高于上年度全国城镇调查失业率控制目标的企业,以及30人(含)以下、裁员比例不超过参保职工总数20%的企业,均可通过“免申即享”,凡是享受本企业及其职工实际缴费总额90%的稳岗返还资金,在2022年12月31日前分批次完成兑现。鼓励有条件、有需求的县域联合企业对今冬明春留藏务工人员发放春节慰问金,对进藏务工人员发放一次性交通补助。

15.给予参保职工一次性留工培训补助。对我县参加失业保险的所有企业,按每名参保职工500元的标准,采取“免申即享”方式向符合条件的企业发放一次性留工培训补助。在2022年12月31日前分批次完成兑现。

16.给予企业吸纳高校毕业生一次性扩岗补助。对企业招用2022届西藏高校毕业生、2020年和2021年未就业高校毕业生,签订劳动合同并在我区参加失业保险1个月(含)以上的企业,给予吸纳高校毕业生一次性扩岗补助。同一高校毕业生在不同企业就业的,只发放1次扩岗补助,采取“免申即享”方式向先参加失业保险的企业发放,标准为1500元/人。按照自治区人社厅、财政厅《关于做好2022年企业一次性吸纳就业补贴等兑现工作的通知》(藏人社发〔2022〕51号)规定,已享受一次性吸纳就业补贴的企业不再重复享受吸纳高校毕业生一次性扩岗补助。

17.发放高校毕业生一次性求职创业补贴。未就业2022届西藏生源高校毕业生(高考时户籍为西藏的高校毕业生、不含已升学、出国、参军入伍、定向生及区内外公职岗位、各类企业、“三支一扶”西部计划志愿者、基层政府购买服务岗位录用人员等)。毕业3个月后(以2022年10月31日为截止时间)仍未就业的,按我区现行城镇最低工资标准发放3个月的一次性求职创业补贴。符合条件的高校毕业生持《一次性求职创业补贴申请表》、身份证复印件、《教育部学习在线验证报告》等相关证明材料向高考前户籍所在地人社部门提出申请。对弄虚作假,为骗取补助而不就业、慢就业的高校毕业生,经核查后确定的,收回已申领的一次性求职创业补贴并取消其申领其他就业创业类补贴的资格,列入不诚信人员。自11月开始分批次开展受理、审核、公示、兑现等工作。

18.支持高校毕业生自主创业。对西藏高校毕业生一次性创业启动资金、场地租金以水电费补贴、社会保险补贴、基本生活费补贴和住房公积金补贴等 ,按照自治区相关文件要求落实。

19.支持农牧民转移就业。对区内外企业吸纳我县农牧民就业且年度就业时间累积达到6个月以上的,按照每人300元标准给予企业就业吸纳奖励;对跨县(区)、跨地(市)、跨省有组织劳务输出且年度就业时间累积达到6个月以上的我县农牧民,分别给予500元、1000元、2000元的路费补贴。

གསུམ་པ།   ལས་གནས་བརྟན་པོ་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས།

14.ཁེ་ལས་ཀྱིས་ལས་གནས་བརྟན་པོ་ཡོང་བར་བྱས་ཏེ་ཕྱིར་སློག་བྱ་རྒྱུ། རང་རེའི་རྫོང་དུ་ལས་ཤོར་འགན་བཅོལ་ལ་ཞུགས་པ་མ་ཟད་ལས་ཤོར་འགན་བཅོལ་གྲོན་དངུལ་འདང་ངེས་འཇལ་ནས་ཟླ་བ་12ཡན་ཟིན་པ་དང་། ལོ་འཁོར་གོང་མར་ལས་མི་ཉུང་དུ་མི་གཏོང་བའམ་ཡང་ན་ལས་མི་ཉུང་དུ་གཏོང་ཚད་དེ་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་དཔྱད་ཚོད་འཛིན་དམིགས་ཚད་ལས་མི་བརྒལ་བའི་ཁེ་ལས་དང་།  དེ་བཞིན་མི་30ཚུད་པ་མན་ཆད་ཀྱི་ཁེ་ལས་ནས། ལས་མི་ཉུང་དུ་གཏོང་ཚད་དེ་འགན་བཅོལ་ནང་ཞུགས་པའི་ལས་བཟོའི་སྤྱི་འབོར་གྱི་20%ལས་མི་བརྒལ་བ་རྣམས་“སྙན་ཞུ་མི་དགོས་པར་འཕྲལ་མར་ལོངས་སྤྱོད་བྱེད་པའི”ཐོག་ནས་ཁེ་ལས་དེ་རང་དང་དེའི་ལས་བཟོའི་དངོས་སུ་གྲོན་དངུལ་འཇལ་བའི་སྤྱི་འབོར་གྱི་90%ལས་གནས་བརྟན་པོའི་ཆེད་ཀྱི་མ་དངུལ་ཕྱིར་སློག་བྱེད་རྒྱུ།  2022ལོའི་ཟླ་12ཚེས་31ཉིན་གོང་ཁག་ཐེངས་དབྱེ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ།  ཆ་རྐྱེན་དང་དགོས་མཁོ་ཡོད་པའི་རང་རྫོང་ཁོངས་མཉམ་འབྲེལ་ཁེ་ལས་ཀྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་བོད་དུ་སྡོད་པའི་ལས་མིར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲིའི་དངུལ་སྨར་དང་བོད་དུ་ཡོང་བའི་ལས་མིར་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྤྲོད་རྒྱུའི་སྐུལ་མ་བྱ་རྒྱུ།

15.འགན་བཅོལ་ནང་ཞུགས་པའི་ལས་བཟོ་པར་ཐེངས་གཅིག་རང་བཞིན་གྱི་ལས་འཁྱུར་ངལ་གསོའི་གསོ་སྦྱོང་རོགས་དངུལ་སྤྲོད་རྒྱུ། རང་རེའི་རྫོང་གི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཚང་མར་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་རེར་སྒོར་500ཡི་ཚད་གཞི་ལྟར། “སྙན་ཞུ་མི་དགོས་པར་འཕྲལ་མར་ལོངས་སྤྱོད་བྱེད་པའི”བྱ་ཐབས་བརྒྱུད་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་འཁྱུར་ངལ་གསོའི་གསོ་སྦྱོང་ཁ་གསབ་སྤྲོད་རྒྱུ། དེ་2022ལོའི་ཟླ་12ཚེས་31ཉིན་གོང་ཁག་ཐེངས་དབྱེ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ།

16.ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་ལས་བསྡུ་བྱས་པར་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་པའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ཁེ་ལས་ཀྱིས་2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་།2020ལོ་དང་2021ལོའི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་སྤྱོད་བྱས་ནས་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་རང་ལྗོངས་སུ་ལས་ཤོར་འགན་བཅོལ་ནང་ཞུགས་ནས་ཟླ་1ཚུད་པ་ཡན་གྱི་ཁེ་ལས་ལ་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་ཐེངས་གཅིག་གི་ལས་གནས་རྒྱ་ཆེར་གཏོང་རྒྱུའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།  མཐོ་སློབ་ཀྱི་སློབ་ཐོན་སློབ་མ་གཅིག་གིས་ཁེ་ལས་མི་འདྲ་བར་ལས་ཞུགས་ཡོད་ཚེ་ལས་གནས་རྒྱ་ཆེར་གཏོང་རྒྱུའི་ཁ་གསབ་དེ་ཐེངས་གཅིག་ལས་སྤྲོད་ཀྱི་མེད།  དེཡང་“སྙན་ཞུ་མི་དགོས་པར་ལོངས་སྤྱོད་བྱེད་པའི”བྱ་ཐབས་ཐོག་ནས་སྔོན་ལ་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་དེ་ལ་སྤྲོད་ཀྱི་ཡོད་ཅིང་། ཚད་གཞི་ནི་མི་རེར་སྒོར་1500ཡིན་པ་རེད།  རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ནོར་སྲིད་ཐིང་གི《2022ལོར་ཁེ་ལས་ཀྱིས་ཐེངས་གཅིག་རང་བཞིན་གྱི་ལས་མི་བསྡུ་བའི་ཁ་གསབ་སོགས་འཛིན་སྤྲོད་དངུལ་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》བོད་མི་སྤྱི་བཀྲམ2022ཡིག་ཨང་51པའི་གཏན་འབེབས་གཞིར་བཟུང་། ཐེངས་གཅིག་རང་བཞིན་གྱི་བསྡུ་ལེན་ལས་ཞུགས་ཁ་གསབ་ལོངས་སྤྱོད་བྱས་པའི་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏོང་རྒྱུའི་ཁ་གསབ་རོགས་དངུལ་བསྐྱར་དུ་ལོངས་སྤྱོད་བྱ་རྒྱུ་མེད།

17.མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུ། 2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགསམི་ཐུབ་པ། མཐོ་རྒྱུགས་སྐབས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ། ཚུད་མེད་པ་གཤམ་གསལ་སློབ་རིམ་འཕར་བ། ཕྱི་རྒྱལ་དུ་བསྐྱོད་པ། དམག་དཔུང་ནང་ཞུགས་པ། གནས་གཏན་འཁེལ་གྱི་སློབ་མ་དང་དེ་བཞིན་ལྗོངས་ཕྱི་ནང་གི་གཞུང་གི་ལས་གནས་དང་། ཁེ་ལས་སྣ་ཚོགས། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”ནུབ་རྒྱུད་འཆར་གཞིའི་དང་བླངས་པ། གཞི་རིམ་སྲིད་གཞུང་གིས་ཞབས་ཞུའི་ལས་གནས་ཉོ་སྒྲུབ་བྱས་ནས་མི་སྣ་བསྡུ་བ་སོགས།   སློབ་ཐོན་ལོ་3རྗེས་ཀྱི་2022ལོའི་ཟླ་10པའི་ཚེས་31གི་དུས་མཚམས་རིང་ད་དུང་ལས་བཞུགས་མི་ཐུབ་པ།  རང་ལྗོངས་ཀྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གཞིར་བཟུང་ཟླ་3རིང་གི་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུ།  ཆ་རྐྱེན་འཛོམས་པའི་མཐོ་སློབ་སློབ་ཐོན་སློབ་མས《ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་རེ་ཞུའི་རེའུ་མིག》དང་། ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར། 《སློབ་གསོ་པུའི་སློབ་སྦྱོང་དྲ་ཐོག་ཞིབ་བཤེར་སྙན་ཞུ》སོགས་འབྲེལ་ཡོད་ངོ་སྤྲོད་ཡིག་ཆ་འཁྱེར་ནས་མཐོ་རྒྱུགས་གོང་གི་ཐེམ་ཐོ་གནས་སའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་རེ་ཞུ་བྱེད་དགོས།  མི་བདེན་རྫུན་བསྒྲིགས་བྱས་ནས། ཁ་གསབ་ལ་བརྟེན་ནས་ལས་ཞུགས་མི་བྱེད་པ་དང་། ལས་ཞུགས་དལ་དུ་བཏང་བའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་ཞིབ་བཤེར་བྱས་རྗེས་གཏན་འཁེལ་བྱས་རིགས་ལ།རེ་ཞུ་བྱས་ཟིན་པའི་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་ཚུར་ལེན་རྒྱུ་དང་འབྲེལ་དེས་ལས་ཞུགས་ལས་གཏོད་གཞན་པའི་ཁ་གསབ་ལེན་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་།ཡིད་རྟོན་མེད་པའི་མི་སྣའི་གྲས་སུ་འཇོག་རྒྱུ། སྤྱི་ཟླ་༡༡ནས་མགོ་བརྩམས་ཏེ་རིམ་ཁག་དབྱེ་ནས་བདག་སྤྲོད་དང་།  ཞིབ་བཤེར།  ཡོངས་བསྒྲགས།  ཁ་གསབ་སྤྲོད་པ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན།

18.མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་རང་བརྟེན་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སྤྲོད་ཐེངས་གཅིག་གི་ལས་གཏོད་མ་དངུལ་དང་། ས་ཆའི་བོགས་དངུལ་དེ་ཆུ་རིན་དང་གློག་རིན་གྱི་ཁ་གསབ། སྤྱི་ཚོགས་འགན་བཅོལ་ཁ་གསབ། གཞི་རྩའི་འཚོ་བའི་ཁ་གསབ་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་སོགས་ལ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར་དོན་འཁྱོལ་བྱེད་རྒྱུ།

19.ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་རྒྱུ། ལྗོངས་ཕྱི་ནང་གི་ཁེ་ལས་ལ་རང་རེའི་རྫོང་གི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་པ་མ་ཟད་ལོ་འཁོར་གྱི་ལས་ཞུགས་དུས་ཚོད་རིམ་རྩིས་བྱས་ན་ཟླ་བ་6ཡན་ཟིན་པར་མི་རེར་སྒོར་300ཡི་ཚད་གཞི་ལྟར་ཁེ་ལས་ལས་ཞུགས་ཀྱི་ལྷོ་ནུབ་བྱ་དགའ་སྤྲོད་རྒྱུ་དང་། རྫོངཆུས་སྒྲོལ་བ་དང་། ས་ཁུལ་གྲོང་ཁྱེར་ལས་བརྒལ་བ། ཞིང་ཆེན་ལས་སྒྲོལ་བ་བཅས་ཀྱི་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱས་ནས་ལོ་འཁོར་གྱི་ལས་ཞུགས་དུས་ཚོད་རིམ་རྩིས་བྱས་ན་ཟླ་6ཡན་ཟིན་པར། སྒོར་500དང་། སྒོར་1000 སྒོར་2000བཅས་རིམ་པའི་ལམ་རིན་ཁ་གསབ་སྤྲོད་རྒྱུ།

四、促进消费帮扶政策

20.刺激住房消费。加快发展长租房市场,土地供应因地制宜向租赁住房特别是保障性住房、长租房建设倾斜。完善户籍、教育和社保等政策,推动“租购同权”。银行专项借款专款用于已售、逾期、难交付的住宅项目加快建设交付。支持农业银行康马县支行试点设立金融工具,市场化收购受困房企项目改造为租赁住房或支持项目建设和竣工交付。

21.大力促进消费加快恢复。加快重启“助企惠民 乐购西藏”消费促进活动,进一步扩大消费券覆盖面,按照自治区与地(市)1:1的比例,适时再安排专项资金,促进零售、餐饮、住宿、汽车、成品油、家电家具等行业恢复发展。延续新能源汽车免征车辆购置税、单价30万元以内2.0排量以下燃油车减半征收车辆购置税政策。家电家具下乡补贴按照家电家具销售价格的15%给予农牧民等群体补贴。

བཞི་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་སྲིད་ཇུས།

20.སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། ཡུན་རིང་གི་བོགས་གཏོང་ཁང་པ་ཚོང་ར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ས་ཆ་མཁོ་འདོན་བྱ་རྒྱུ་དེ་ཡུལ་བབ་དང་བསྟུན་ནས་བོགས་གཏོང་ཁང་པ་དང་ལྷག་པར་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་རྒྱུན་རིང་གི་བོགས་གཏོང་ཁང་པ་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་དགོས། ཐེམ་ཐོ་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། “བོགས་ཉོ་དབང་མཉམ”ལ་སྐུལ་འདེད་གཏོང་དགོས། དངུལ་ཁང་གི་ཆེད་སྤྱོད་དངུལ་བུན་དེ་བཙོངས་ཟིན་པ་དང་། དུས་ལས་ཡོལ་བ། རྩིས་སྤྲོད་བྱེད་དཀའ་བ་བཅས་ཀྱི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་བྱེད་མྱུར་མགྱོགས་སུ་གཏོང་རྒྱུར་སྤྱོད་དགོས། ཞིང་ལས་དངུལ་ཁང་ཁང་དམར་རྫོང་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ལག་ཆ་ཚོད་ལྟ་བྱས་ནས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཉེན་ཡོད་སྡོད་ཁང་དང་ཁེ་ལས་ཀྱི་རྣམ་གྲངས་ཁྲོམ་ར་ཅན་གྱིས་ཉོ་སྒྲུབ་བྱས་ནས་བོགས་གཏོང་སྡོད་ཁང་ལ་སྒྱུར་བཀོད་བྱེད་པའམ་ཡང་ན་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱེད་དགོས།

21.འཛད་སྤྱོད་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། “ཁེ་ལས་ལ་རོགས་རམ་བྱས་ནས་དམངས་ཕན་གྱིས་བོད་ཉོ་བྱེད་པའི”འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་བསྐྱར་དུ་སྤེལ་ནས། འཛད་སྤྱོད་འཛིན་ཤོག་གི་ཁྱབ་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དབར་གྱི་བསྡུར་ཚད་1བསྡུར་1གཞིར་བཟུང་དུས་ཚོད་ངེས་གཏན་ཐོག་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་སིལ་ཚོང་དང་། བཟའ་བཏུང་། ཞག་སྡོད། རླངས་འཁོར། བཅོས་སྣུམ། ཁྱིམ་སྤྱོད་གློག་ཆས་དང་ ཁྱིམ་ཆས་སོགས་ལས་རིགས་སླར་གསོ་དང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་རིན་གོང་སྒོར་ཁྲི་30ནང་ཚུན་གྱི་འབུད་ཚད་2.0མན་གྱི་འབར་སྣུམ་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གཤམ་སྤྲོད་ཀྱི་ཁ་གསབ་དེ་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཕྱིར་ཚོང་རིན་གོང་གི་15%ལ་གཞིགས་ནས་ཞིང་འབྲོག་མང་ཚོགས་སོགས་ལ་ཁ་གསབ་སྤྲོད་རྒྱུ།

五、农牧业农牧民帮扶政策

22.加大补助力度。购买今冬明春抗灾饲草料和饲草种子,应对新冠肺炎疫情对我县养殖业的影响,支持畜牧养殖业正常运营,切实增加农牧民畜牧业收入。疫情期间,秋收工作中作出突出贡献的农机合作社,在2023年度农机购置中给予支持。

23.加大牲畜收购。通过财政支持周转金积极鼓励县级农牧业龙头企业加大牲畜收购力度,解决因疫情影响牲畜出栏难的问题。

ལྔ་པ།  ཞིང་འབྲོག་ལས་དང་ཞིང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས།

22.ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་གནོད་འགོག་གཟན་རྩྭ་གཟན་ཆག་འམ་དེའི་སོན་ཉོས་ནས། ཏོགས་དབྱིབས་གློ་ཚད་ཀྱིས་རིམས་ནད་ཀྱི་རང་རེའི་རྫོང་གི་གསོ་ཚགས་ལས་རིགས་ལ་བཟོས་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རིམས་ནད་དུས་ཡུན་ནང་། སྟོན་བསྡུའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་ཞིང་འཕྲུལ་མཉམ་ལས་ཁང་ལ་ 2023ལོའི་ཞིང་འཕྲུལ་ཉོ་སྒྲུབ་ཁྲོད་རྒྱབ་སྐྱོར་བྱ་རྒྱུ་རེད།

23.ཕྱུགས་རིགས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་རྒྱབ་སྐྱོར་མ་དངུལ་བརྒྱུད་རྫོང་རིམ་པའི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་ཕྱུགས་རིགས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་ཀྱི་གནས་ཚུལ་གྱིས་རྐྱེན་པས་ཕྱུགས་རིགས་བཤས་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས།

六、金融帮扶政策

24.落实特殊优惠金融政策。用好用活用足中央给予西藏的特殊优惠金融政策,鼓励在藏银行业金融机构加大信贷支持力度,持续释放贷款市场报价利率(LPR)改革和传导效应,更好发挥LPR下行的指导作用,综合采取各种措施,推动降低企业融资和个人消费信贷成本,促进增加信贷需求,降低市场主体利息负担。对卫生健康领域设备购置与更新改造,落实中央财政给予2.5个百分点贴息(在中长期贷款3.2%利率基础上,项目实际利率为0.7%),期限两年,申报贷款贴息政策至2022年12月31日止。加大力度防范和化解拖欠中小微企业账款。

25.有效降低金融融资成本。大力扶持防疫重点企业、受疫情影响较大的困难企业、中小微企业和个体工商户。进一步提高政府性融资担保支小支农业务占比,年新增小微企业和“三农”融资担保金额和户数占比不低于80%。降低支小支农融资担保成本,对单户担保金额500万元及以下的小微企业和“三农”主体收取的担保费率原则上不超过1%,对单户担保金额500万元以上1000万元(含)以下的小微企业和“三农”主体收取的担保费率原则上不超过1.5%。

26.切实用好国家金融扶持政策。用好政策性银行新增信贷额度和政策性开发性金融工具,对符合条件成熟项目满足资金需求,用于补充基础设施、基础产业、重点民生领域重点项目资本金。加强重大投资项目规划、用地、环评等前期工作以及资金等要素保障。县政府可根据职责权限对用地、环评等办理作出承诺,项目落地后按规定补办手续。

དྲུག་པ།       དངུལ་རྩའི་རོགས་སྐྱོར་སྲིད་ཇུས

24.དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་ བོད་དུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་བུན་ཁྲོམ་རའི་ཐོག་གི་གོང་ཚད་ཞུ་བའི་སྐྱེད་ཚད་LPRསྒྱུར་བཅོས་དང་བརྒྱུད་འདྲེན་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་བྱས་ཏེ། LPRཆག་པ་བྱེད་པའི་མཛུབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་དེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་མི་སྒེར་གྱི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་མ་གནས་དམའ་རུ་བཏང་སྟེ་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་ཁྲོམ་རའི་བྱེད་པོའི་སྐྱེད་ཀའི་ཁུར་པོ་དམའ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།      འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་སྒྲིག་ཆས་ཉོ་སྒྲུབ་དང་གསར་བརྗེས་སྒྱུར་བཀོད་ཐད་ཀྲུང་དབྱང་ནོར་སྲིད་ཀྱིས་བརྒྱ་ཆའི་གྲངས་2.5ཡི་སྐྱེད་གསབ་ དུས་ཡུན་རིང་འབྲིང་གི་དངུལ་བུན་3.2%ཀྱི་སྐྱེད་ཀའི་རྨང་གཞིའི་ཐོག་རྣམ་གྲངས་ཀྱི་སྐྱེད་ཀ་དངོས་0.7%ཟིན་པ།  དོན་འཁྱོལ་བྱས་པ་དང་དུས་བཀག་ལོ་གཉིས་ཡིན་པ་དང་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་2022ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།

25.དངུལ་རྩའི་མ་རྩ་མཉམ་འདྲེས་ཀྱི་མ་གནས་ནུས་ལྡན་ངང་ཇེ་དམའ་རུ་གཏོང་དགོས། རིམས་འགོག་གཙོ་གནད་ཁེ་ལས་དང་།ནད་ཡམས་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་པའི་དཀའ་ངལ་ཡོད་པའི་ཁེ་ལས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་ལ་རོགས་སྐྱོར་ཤུགས་ཆེན་བྱ་དགོས། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རུབ་དང་ཁག་ཐེག་གི་གཏོང་སྒོ་ཆུང་རྩག་གི་ཞིང་སྐྱོར་ལས་སྒོའི་བསྡུར་ཚད་སྔར་བས་མཐོ་རུ་བཏང་སྟེ་ལོ་རེར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། “ཞིང་གསུམ”གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་དངུལ་གྲངས་དང་དུད་ཚང་གིས་80%ལས་མི་དམའ་བ་བྱེད་དགོས།  ཞིང་སྐྱོར་དང་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་མ་གནས་དམའ་རུ་བཏང་ནས་དུད་ཚང་རྐྱང་པའི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500དང་དེ་མན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང“ཞིང་གསུམ”གྱི་བྱེད་པོས་བསྡུ་ལེན་བྱས་པའི་ཁག་ཐེག་གྲོན་ཚད་རྩ་དོན་ཐོག་1%ལས་བརྒལ་མི་ཆོག་པ་དང་དུད་ཚང་རྐྱང་པའི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500ཡན་དང་སྒོར་ཁྲི་1000མན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང“ཞིང་གསུམ”གྱི་བྱེད་པོས་བསྡུ་ལེན་བྱས་པའི་ཁག་ཐེག་གྲོན་ཚད་རྩ་དོན་ཐོག་1.5%ལས་བརྒལ་མི་རུང་།   

26.རྒྱལ་ཁབ་ཀྱི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ལེགས་པོ་ཏན་ཏིག་བྱ་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གཏོང་གྲངས་དང་སྲིད་ཇུས་རང་བཞིན་གྱི་གསར་སྤེལ་རང་བཞིན་དངུལ་རྩའི་ལག་ཆ་གསར་དུ་བེད་སྤྱོད་ཡག་པོ་བྱས་ནས་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་མ་དངུལ་གྱི་དགོས་མཁོ་བསྐངས་ཏེ་རྨང་གཞིའི་སྒྲིག་བཀོད་དང་།རྨང་གཞིའི་ཐོན་ལས། གཙོ་གནད་དམངས་འཚོའི་ཁྱབ་ཁོངས་བཅས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་ཁ་གསབ་བྱེད་པར་སྤྱོད་དགོས། མ་དངུལ་འཇོག་པའི་རྣམ་གྲངས་གལ་ཆེན་འཆར་འགོད་དང་། ས་ཆ་སྤྱོད་པ། ཁོར་ཡུག་གདེང་འཇོག་སོགས་སྔོན་གྲབས་ལས་ཀ་དང་དེ་བཞིན་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། རྫོང་སྲིད་གཞུང་གིས་འགན་འཁྲིའི་དབང་ཚད་ལྟར་ས་ཆ་སྤྱོད་པ་དང་ཁོར་ཡུག་དཔྱད་དཔོག་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་ཁས་ལེན་བྱས་ནས་རྣམ་གྲངས་དོན་འཁྱོལ་བྱས་རྗེས་གཏན་འབེབས་ལྟར་འགྲོ་ལུགས་གསབ་སྒྲུབ་བྱེད་ཆོག་གི་ཡོད་པ་རེད།

还有这些信息值得关注:






康马县委常委会召开(扩大)会议


喜迎二十大  盛世贺华诞  康马各族儿女祝伟大祖国生日快乐


康马县委书记扎西多布拉发表电视讲话


预防是根本 སྔོན་འགོག་ནི་རྩ་བ་ཡིན་།


ཡང་དག་པའི་ཁ་རས་རྒྱག་སྟངས།

来源:县发改委编辑:曲    达 李 婷 婷初审:央    珍复审:次仁多吉 周 泽 平终审:巴   顿

您可能也对以下帖子感兴趣

文章有问题?点此查看未经处理的缓存